今天看啥  ›  专栏  ›  SoJam

ཟུར་ངོས་གཞན་ཞིག

SoJam  · 简书  ·  · 2020-10-14 00:25

ད་ལྟ་སྟེ་མཚན་གུང་གི་ཆུ་ཚོད་བཅུ་གཉིས་དང་ཕྱེད་ཀའི་བར་དུ་གཞན་ཞིག་ལ་རྟགས་གསལ་བསྒྲིགས་རོགས་སུ་སོང་ནས་འགོར་ཟིན། རྟགས་གསལ་གྱི་འགྲོ་སྟངས་དང་རིགས་ལམ་ཡག་པོ་གང་ཡང་ཆགས་མེད་མོད། གཞན་ལ་རོགས་འདེགས་ཏིལ་ཙམ་རེ་བྱ་ཐུབ་ན་སྙམ་པའི་ཀུན་སློང་གཙང་མ་ཞིག་བཅངས་ཏེ་སོང་བ་ཡིན། ལན་རེར་ཤེས་མ་ཤེས་ཀྱི་ཁྱད་པར་མེད་པར་ཀུན་སློང་བཟང་བོ་ཞིག་བཅངས་ཏེ། ནུས་ཚོད་ཀྱིས་གཞན་ཕན་རེ་སྒྲུབ་པ་དེ་ཡང་རང་ཉིད་གསོན་ཡོད་པའི་དོན་སྙིང་དུ་སྒོམ་བཞིན་ཡོད། ད་ནི་ཉལ་རིན་ལ་ཐོན་འདུག་པས་དེ་ཙམ་གྱིས་ཆོག་པར་བྱའོ།།




原文地址:访问原文地址
快照地址: 访问文章快照